settings icon
share icon
གསུང་་་

ལྟར་བྱས་ནས་གནམ་བདག་གིས་གུ་ཡངས་གནང་བར་བྱེད་དགོས་སམ།

དྲི་བ།་་་


ལན་དུ།Acts13:38ཡིས་ངའི་སྤུན་ཟླ་ཚོ་གནམ་དག་གི་གུ་ཡངས་ཐོབ་དགོས་ཚེ་ཡི་ཤུ་རྒྱུད་དགོས་ཟེར།

ཅི་ཞིག་ལ་གུ་ཡངས་ཟེར། ང་ཚོར་གུ་ཡངས་ཐོབ་དགོས་དོན་གང་ཡིན།

གུ་ཡངས་གི་གོ་དོན་ནི་སྔོན་ཆད་ཀྱི་ནག་ཉེས་རྣམས་རྩིས་མེད་དུ་གཏོང་བར་གོ་དགོས་ ང་ཚོས་མི་འགའ་རེར་གོ་བ་ལོག་གྲུབ་བྱས་ཚེ་སླར་ཡང་སྔ་རྒྱུན་བཞིན་འཆམ་པོ་ཡོང་ཕྱིར་ཕ་རོལ་པོའི་གུ་ཡངས་ཐོབ་པར་བྱེད་པ་དེ་དང་དོན་གཅིག་ཡིན། གུ་ཡངས་ནི་མི་ག་གེ་མོ་ཞིག་གུ་ཡངས་གཏོང་རིན་ཆོག་འདུག་སྙམ་ནས་གུ་ཡངས་བཏང་བ་ཞིག་མ་ཡིན་ཏེ་གུ་ཡངས་ནི་བྱམས་སེམས་དང་ཐུགས་རྗེའི་བྱ་སྤྱོད་ཞིག་ཡིན་པས་གུ་ཡངས་ནི་བཏང་སྙོམ་ཡིན།གུ་ཡངས་ནི་གཞན་གྱིས་རང་ལ་གནོད་པའི་ལས་བྱས་རུང་ཕ་རོལ་པོར་འཁང་ར་དང་ཚིག་པ་མི་ཟ་བའི་སེམས་ཐག་བཅོད་པའི་བརྒྱུད་རིམ་ཞིག་ཡིན།

གསུང་རབས་ནང་ང་ཚོར་གནམ་བདག་གིས་གུ་ཡངས་གནང་བའི་དགོས་མཁོ་ཡོད་ཟེར། ང་ཚོ་ཚང་མ་སྡིག་ཉེས་ཡོད་པའི་མི་ཡིན་Ecclesiastes7:20ཞེས་གསུང་ཡོད་འཇིག་རྟེན་འདི་ན་ནོར་འཁྲུལ་དང་སྡིག་ཉེས་མེད་པའི་མི་མེད་1John1:8ཡིས་གལ་ཏེ་ང་ཚོས་ནག་ཉེས་དང་སྡིག་ཉེས་མེད་ཟེར་ན་དེ་ནི་རང་གིས་རང་ལ་རྗུན་གཏམ་བཤད་པ་དང་གཅིག་པ་རེད།ང་ཚོའི་ནག་ཉེས་ནི་གནམ་བདག་དང་རྒྱབ་གཏོད་བྱེད་པ་དེ་རེད་(Psalm 51:4)དེས་ན་མཐའ་མཇུག་ང་ཚོར་དགོས་པ་ནི་གནམ་བདག་གིས་གུ་ཡངས་གནང་རྒྱུ་དེ་རེད།གལ་ཏེ་ང་ཚོའི་སྡིག་ཉེས་དེ་ནི་གུ་ཡངས་གནང་ཐབས་མེད་པ་ཞིག་ཡིན་ན་ང་ཚོ་ནམ་ཡང་སྡིག་ཉེས་བསག་པའི་མཇུག་འབྲས་ངན་པ་མྱོང་རྒྱུ་དེ་རེད།ཟེར།(Matthew 25:46; John 3:36).

“ཇི་ལྟར་བྱས་ནས་གུ་ཡངས་ཐོབ་པར་བྱེད་དགོས།

གནམ་བདག་ནི་བྱམས་བརྩེ་དམ་ལྡན་པ་ཞིག་རེད།གང་ཐུབ་ཅི་ཐུབ་ཀྱིས་ང་ཚོའི་སྡིག་ཉེས་ལ་གུ་ཡངས་གནང་གི་ཡོད་ཅེས་གསུང་2Peter3:9ཡིས་“ང་ཚོར་གནམ་བདག་གིས་སྡིག་ཉེས་ཀྱི་སྡུག་པོ་གཏོང་དུ་འཇུག་འདོད་མེད་ལ་མི་ཚང་མས་རང་ཉིད་ཀྱི་སྡིག་ཉེས་ལ་ཡོ་བསྲང་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་དེས་ན་གནམ་བདག་ཀྱིས་ང་ཚོར་གུ་ཡངས་གནང་ནས་ཡོ་བསྲང་བྱེད་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད།”ཅེས་གསུང་ཡོད།

ང་ཚོའི་སྡིག་ཉེས་ཀྱི་ཆད་པ་ནི་ཤི་རྒྱུ་ཙམ་རེད་Romans 6:23ཡི་མདུན་ངོས་ཀྱི་ནང་དོན་ནང་“ང་ཚོས་སྡིག་ཉེས་བསག་པའི་ཆད་པ་ནི་ཤི་རྒྱུ་དེ་རེད་”ཟེར་ གནམ་བདག་གི་དགོངས་པ་ནི་མི་ཞིག་ཏུ་འགྱུར་རྒྱུ་དེ་རེད་ཁོང་གི་དགོངས་པ་ནི་ཡི་ཤུ་ལ་སྤྲུལ་འདོད་པ་དེ་རེད། ཡི་ཤུ་ཡིསརྒྱ་གྲམ་ཐོག་ནས་ང་ཚའི་ཚབ་ཏུ་སྡིག་ཉེས་ཀྱི་ཆད་པ་མྱང་ཡོད། 2 Corinthians 5:21ཡིས་ང་ཚོར་“གནམ་བདག་གིས་ང་ཚོའི་ཚབ་ཏུ་ཆད་པ་མྱང་ཡོད་ ཡི་ཤུ་ཡིས་རང་སྲོག་བློས་བཏང་ནས་འཇིག་རྟེན་འདིའི་སྡིག་ཉེས་སེལ་ཐབས་བྱས་པས་ང་ཚོས་ཡི་ཤུ་ང་ཚོའི་མགོན་དུ་བརྟེན་ན་ཐལ་མི་དྲག་”ཞེས་སློབ་གསོ་གནང་གི་ཡོད། 2 Corinthians5:21ཡིས་“ཡི་ཤུས་རང་སྲོག་བློས་བཏང་ནས་ང་ཚོ་སྐྱོབ་པ་མ་ཟད་འཇིག་རྟེན་

ཡོངས་ཀྱང་སྐྱོབ་གནང་བ་རེད།དེས་རྐྱེན་ཁོང་གིས་སྡིག་ཉེས་དང་ཤི་འདྲེ་ལས་རྒྱལ་ནས་འདས་ལོབ་ཐུབ་པ་བྱུང་བ་རེད་ཟེར།(1Corinthians15:1-28).ཡིས“ཡི་ཤུ་སྐུ་འདས་པ་དང་འདས་ལོག་བྱུང་བ་སོགས་ལ་Romans6:23ཡི་དུམ་བུ་གཉིས་པའི་འགྲེལ་པ་ནི་ཡང་དག་པ་ཞིག་པ་ཞིག་རེད་ལ་ཡི་ཤུ་ནི་ནམ་ཡང་ང་ཚོའི་མགོན་སྐྱོབ་ཡིན་པས་ནམ་ཡང་ང་ཚོའི་སེམས་དབུས་སུ་གནས་སྲིད་”ཅེས་བསྔགས་བརྗོད་བྱེད།

རང་ལ་གནམ་བདག་གི་གུ་ཡངས་ཐོབ་པའི་འདོད་པ་ཡོད་དམ།རང་ཉིད་ལ་སྡིག་ཉེས་ཡོད་བསམ་པའི་བློ་མ་བདེ་བའི་ཚོར་བ་འདུག་གམ། གལ་ཏེ་རང་གིས་ཡི་ཤུ་ལ་དད་པ་བྱས་ན་རང་གི་བློ་མི་བདེ་བའི་ཚོར་བ་དེ་མེད་པ་བཟོ་ཐུབ།Ephesians1:7ཡིས“ཡི་ཤུས་ང་ཚའི་ཚབ་ཏུ་སྡིག་ཉེས་དང་ལེན་བྱས་ཡོད་པས་ང་ཚོར་གུ་ཡངས་ཐོབ་སྲིད་”ཟེར། John 3:16-17གནམ་བདག་ནི་འཇིག་རྟེན་འདི་ལ་ཅི་འདྲའི་བརྩེ་བ་ཞིག་རེད་ཨང་

གནམ་བདག་གིས་རང་ཉིད་ཀྱི་བུ་གཅིག་པུ་དེ་མི་ཡུལ་དུ་མངག་ནས་ང་ཚོ་སྐྱོབ་པར་བཏང་བ་ཡིན་པས་ང་ཚོས་ཡི་ཤུ་ལ་ཡིད་ཆེས་དང་དད་པ་བྱེད་དགོས།

གུ་ཡངས་ཐོབ་པར་ལས་སླ་པོ་ཡོད་དམ།

རེད་ལས་སླ་པོ་ཡོད་ རང་གིས་གནམ་བདག་ལ་ཡིད་ཆེས་བྱས་ན་གནམ་བདག་གི་བྱམས་སེམས་དང་ཐུགས་རྗེས་གཟིགས་ནས་རང་ལ་གུ་ཡངས་ཐོབ་སྲིད་ གལ་ཏེ་རང་ཡི་ཤུའི་ཆོས་དད་པ་བྱེད་བསམ་ན་གཤམ་གྱི་སྨོན་ཚིག་འདི་སྐྱོར་རོགས་ ཡིད་ལ་འཛིན་རྒྱུར་གཤམ་གྱི་ནང་དོན་སྐྱོར་དུས་ཡི་ཤུ་ཁོ་ན་ཕུད་པའི་གཞན་སུ་ཡང་མགོན་དུ་བརྟེན་མི་ཆོག་ སྨོན་ཚིག་དེ་ནི་རང་གིས་གནམ་བདག་ལ་རང་ཉིད་ཡི་ཤུར་དད་པ་ཡོད་པ་སྟོན་ཐབས་ཙམ་རེད་ཡི་ཤུ་ཡིས་ང་རང་སྡིག་ཉེས་ལས་སྐྱོབ་པར་དྲིན་ཆེ།གནམ་བདག་མཆོག་ངས་རང་ཉིད་ལ་སྡིག་ཉེས་ཡོད་པ་ཤེས་ཀྱི་ཡོད་ལ་ཉེས་པ་ཕོག་དགོས་པའང་ཤེས་འོན་ཀྱང་ཡི་ཤུ་ཡིས་ངའི་ཚབ་ཏུ་ཉེས་པ་དང་ལེན་བྱས་ཟིན་ངས་ཡི་ཤུ་ལ་དད་པ་བྱས་ཏེ་གུ་ཡངས་གནང་རྒྱུའི་རེ་བ་ཡོད།ངས་ཡི་ཤུ་རང་ཉིད་ཀྱི་མགོན་དུ་རྩི་འདོད་ཡོད།ཁྱེད་ཀྱིས་ང་ལ་གུ་ཡངས་དང་ཐུགས་རྗེས་གཟིགས་པར་དྲིན་ཆེ། ཨ་མན།

ཁྱེད་ཀྱིས་ཡི་ཤུ་ལ་དད་པ་བྱས་ནས་གཤམ་གྱི་ནང་དོན་ཀློག་བསམ་གྱི་འདག་གམ་གལ་ཏེ་དེ་ལྟར་ཡིན་ཚེ་ ངས་དེ་རིང་ཡི་ཤུ་ལ་དང་ལེན་དང་དད་མོས་བྱེད་ཅེས་པའི་གཤམ་གྱི་མནན་གཞི་དེ་མནན་རོགས།

English



བོད་ཡིག་པར་གཞི་ཐོག་མར་ལོག་པ།

ལྟར་བྱས་ནས་གནམ་བདག་གིས་གུ་ཡངས་གནང་བར་བྱེད་དགོས་སམ།
© Copyright Got Questions Ministries