settings icon
share icon
གསུང་་་

ཡི་ཤུ་དང་གནམ་བདག་ལ་དད་པ་བྱས་ན་ཤུགས་སུ་དོན་ཅི་ཞིག་སྟོན།

དྲི་བ།་་་


ལན་དུ།ཁྱེད་ཀྱིས་ཡི་ཤུ་རང་ཉིད་ཀྱི་མགོན་སྐྱོབ་ཏུ་བརྟེན་ཡོད་དམ།ཡང་དག་པའི་ངང་ནས་གོང་གི་གནད་དོན་དེར་ཤེས་རྟོགས་ཐུབ་ཕྱིར་སྔོན་ལ་རང་གིས་ཡི་ཤུ་དང་མི་སྒེར་མགོན་སྐྱོབ་བཅས་ཀྱི་མིང་ཚིག་ལ་གོ་བ་ལེན་དགོས། ཡི་ཤུ་ནི་སུ་ཞིག་ཡིན་ནམ།མི་མང་པོས་ཡི་ཤུ་ནི་མི་སེམས་བཟང་ཞིགདང་གཤིས་སྤྱོད་ཀྱི་སློབ་དཔོན་ཡང་ཐ་ན་

མངོན་ཤེས་ཅན་གྱི་ལྷ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ངོས་འཛིན་བྱེད་སྟངས་དེ་ནི་ཡང་དག་པ་ཞིག་རེད་འོན་ཀྱང་ཁོ་ཚོས་ཞིབ་ཕྲ་ཞིག་ཤེས་ཀྱི་མེད་གསཡང་རབས་ནང་ཡི་ཤུ་ནི་ཤ་རུས་ཀྱི་ལུས་དང་ལྡན་པའི་ལྷ་ཞིག་ཡིན་པ་དང་མི་ལུས་ལྡན་པའི་གནམ་བདག་ཡིན་(seeJohn1:1,14).གནམ་བདག་ཁོང་མི་ཡུལ་དུ་ཕེབས་ནས་ང་ཚོར་སློབ་གསོ་གནང་བ་དང་སྐྱོ་སྡུག་ལས་སྐྱོབ་པ་ང་ཚོར་བསྒྱུར་བཅོས་དང་གུ་ཡངས་གནང་བ་དེ་བཞིན་ང་ཚོའི་ཆེད་དུ་ཁོང་རང་ཉིད་ཀྱི་སྲོགས་ཀྱང་བློས་གཏོང་གནང་བ་རེད།ཡི་ཤུ་ནི་གནམ་བདག་དང་འཇིག་རྟེན་འདི་གཏོད་པ་པོ་ཞིག་རེད་ཁྱེད་ཀྱི་དེ་ལྟ་བུའི་ཡི་ཤུ་ལ་དང་ལེན་བྱེད་སྲིད་དམ།

གང་ཞིག་ལ་མགོན་སྐྱོབ་ཟེར།ང་ཚོར་མགོན་སྐྱོབ་ཤིག་དགོས་དོན་ཅི།དཔེ་ཆའི་ནང་ང་ཚོ་ཚང་མར་སྡིག་ཉེས་དང་གྲིབ་པ་ཡོད་ཅེས་གསུང་ཡོད། ང་ཚོ་ཚང་མར་མ་དག་པ་དང་ངན་པའི་བྱ་སྤྱོད་ཡོད་ཅེས་གསུང་ཡོད་(Romans 3:10-18)དེས་ན་ང་ཚོར་ཡང་སྡིག་ཉེས་དེ་དག་ལ་ཉེས་པ་ཕོགས་སྲིད་པས་སྡིག་ཉེས་དེ་དག་ལས་འགྲོལ་ཕྱིར་ང་ཚོར་སྡིག་ཉེས་ལས་སྐྱོབ་མཁན་ཞིག་དགོས།(Romans6:23;Revelation20:11-15)དེ་ནི་ང་ཚོར་སྡིག་ཉེས་ལས་བཀྲོལ་མཁན་གྱི་མགོན་སྐྱོབ་དགོས་པའི་རྒྱུ་མཚན་ཡིན་ནོ། ཡི་ཤུ་མི་ཡུལ་དུ་འབྱོན་ལ་མི་ཡུལ་དུ་སྐུ་མྱ་ངན་ལས་འདས།ཡི་ཤུས་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་མཛད་ནས་ང་ཚོའི་སྡིག་པ་སངས་པར་གནང་(2Corinthians5:21).ཡི་ཤུ་ཡིས་ང་ཚོའི་ཚབ་ཏུ་སྡིག་ཉེས་རང་ལུས་ཀྱིས་དང་ལེན་གནང་ཡོད་(Romans5:8)དེས་ན་ང་ཚོ་སྡིག་ཉེས་ཀྱི་འཇིག་པ་ལས་སྐྱོབ་པར་གནང་། ཡི་ཤུ་ནི་ང་ཚོའི་མགོན་སྐྱོབ་རེད་(John14:6;Acts4:12)!ཡི་ཤུ་ནི་ཁྱེད་ཀྱི་མགོན་སྐྱོབ་རེད་ཟེར་ན་ཡིད་ཆེས་སམ།

ཡི་ཤུ་ནི་རང་མི་སྒེར་གྱི་མགོན་སྐྱོབ་རེད་དམ།མི་མང་པོས་ཡི་ཤུའི་ཆོས་ཁང་དུ་ཞུགས་པ་དང་ཆོ་ག་རྣམས་སྒྲུབ་པ་ལས་ངན་མ་བྱས་པ་ན་ཡི་ཤུའི་ཆོས་རེད་ཟེར་གྱི་ཡོད།དོན་ངོས་ཐོག་དེ་ཙམ་གྱིས་ཡི་ཤུའི་ཆོས་མིན་ཏེ་ཡི་ཤུའི་ཆོས་དངོས་ནི་ཡི་ཤུ་རང་གྱི་མགོན་སྐྱོབ་ལ་རྩི་བ་དང་གཞན་སུ་ཡང་མགོན་སྐྱོབ་དུ་མི་རྩི་བ་དེ་རེད་སུ་ཞིག་གིས་ཀྱང་ཡི་ཤུ་བཞིན་རང་གི་སྡིག་ཉེས་བསེལ་མི་ཐུབ་པས་ཡི་ཤུ་ཡི་སྲོག་ཀྱིས་རང་གི་སྡིག་ཉེས་སེལ་བ་ཡིན་པར་ཡིད་ཆེས་བྱ་དགོས་ (John 3:16)ཡི་ཤུ་ནི་རང་མི་སྒེར་གྱི་མགོན་སྐྱོབ་རེད་དམ།

གལ་ཏེ་ཁྱེད་ཀྱིས་ཡི་ཤུ་རང་ཉིད་ཀྱི་མགོན་དུ་བརྟེན་བསམ་ན་གཤམ་གྱི་ནང་དོན་བཞིན་གནམ་བདག་ལ་ཕྱོགས་ནས་སྐྱོར་དགོས་ ཡིད་ལ་འཛིན་རྒྱུར་གཤམ་གྱི་ནང་དོན་སྐྱོར་དུས་ཡི་ཤུ་ཁོ་ན་ཕུད་པའི་གཞན་སུ་ཡང་མགོན་དུ་བརྟེན་མི་ཆོག་ སྨོན་ཚིག་དེ་ནི་རང་གིས་གནམ་བདག་ལ་རང་ཉིད་ཡི་ཤུར་དད་པ་ཡོད་པ་སྟོན་ཐབས་ཙམ་རེད་ཡི་ཤུ་ཡིས་ང་རང་སྡིག་ཉེས་ལས་སྐྱོབ་པར་དྲིན་ཆེ།གནམ་བདག་མཆོག་ངས་རང་ཉིད་ལ་སྡིག་ཉེས་ཡོད་པ་ཤེས་ཀྱི་ཡོད་ལ་ཉེས་པ་ཕོག་དགོས་པའང་ཤེས་འོན་ཀྱང་ཡི་ཤུ་ཡིས་ངའི་ཚབ་ཏུ་ཉེས་པ་དང་ལེན་བྱས་ཟིན་ངས་ཡི་ཤུ་ལ་དད་པ་བྱས་ཏེ་གུ་ཡངས་གནང་རྒྱུའི་རེ་བ་ཡོད།ངས་ཡི་ཤུ་རང་ཉིད་ཀྱི་མགོན་དུ་རྩི་འདོད་ཡོད། ཁྱེད་ཀྱིས་ང་ལ་གུ་ཡངས་དང་ཐུགས་རྗེས་གཟིགས་པར་དྲིན་ཆེ། ཨ་མན།

ཁྱེད་ཀྱིས་ཡི་ཤུ་ལ་དད་པ་བྱས་ནས་གཤམ་གྱི་ནང་དོན་ཀློག་བསམ་གྱི་འདག་གམ་གལ་ཏེ་དེ་ལྟར་ཡིན་ཚེ་ ངས་དེ་རིང་ཡི་ཤུ་ལ་དང་ལེན་དང་དད་མོས་བྱེད་ཅེས་པའི་གཤམ་གྱི་མནན་གཞི་དེ་མནན་རོགས།

English



བོད་ཡིག་པར་གཞི་ཐོག་མར་ལོག་པ།

ཡི་ཤུ་དང་གནམ་བདག་ལ་དད་པ་བྱས་ན་ཤུགས་སུ་དོན་ཅི་ཞིག་སྟོན།
© Copyright Got Questions Ministries