settings icon
share icon
གསུང་་་

རོགས་སྐྱོབ་འཆར་གཞི་འམ་ཡང་ན་སྐྱོབ་པའི་ཐབས་ཤེས་གང་ཡིན་ནམ

དྲི་བ།་་་


རང་གིས་བཀྲེས་ལྟོགས་ཚོར་སམ་ ཡང་ན་དེ་ལུས་པའི་བཀྲེས་ལྟོགས་མིན་པར་ རང་གི་འཚོ་བའི་ནང་གི་དགོས་མཁོ་ཤ་སྟག་ཡིན་ནམ་ཡང་ན་སེམས་ནང་དུ་འདོད་བློ་ཁེངས་རྒྱུ་མེད་པ་དེ་ཡིན་ གལ་ཏེ་འདི་འདྲ་ཡིན་ན་ ་ཡི་ཤུ་ནི་རང་གི་ལམ་བུ་ཡིན་ལ་ ཡི་ཤུས་བཤད་དོན་ ང་ནི་ཚེ་སྲོག་སྲུང་བའི་འབྲུ་རིགས་དང་གལ་སྲིད་ང་ཡོད་ན་མི་རིགས་ལ་བཀྲེས་ལྟོགས་མི་ཚོར་ལ་ང་སྐྱབས་སུ་བཅོལ་མཁན་མི་ཚང་མ་ནམ་ཡང་བཀྲེས་སྐོམ་གནར་མི་སྲིད་རང་ངལ་བས་གནར་བ་ཚོར་སམ་ (John 3:65)

ཁྱེད་ལ་སྔ་ནས་ད་བར་འཚོ་བའི་ལམ་བུ་དང་དམིགས་ཡུལ་ཞིག་བཏིང་ཡོང་ཡོད་དམ་སྒྲོན་མེ་སྤར་བའི་ཐབས་ལམ་མི་ཤེས་པར་ཅི་བྱ་ཏོལ་མེད་དུ་འགྱུར་བ་དང་ཨེ་འདྲ། གལ་ཏ་དེ་ལྟར་ཡིན་ན་ཡི་ཤུ་ནི་རང་གི་ལམ་སྟོན་སྒྲོན་མེ་ཡིན།ཡི་ཤུ་ཡིས་ང་ནི་བདེ་བ་ལྡན་པའི་འཚོ་བའི་ལམ་སྟོན་སྒྲོན་མེ་ཡིན་ཟེར། (John 8:12)

ཁྱེད་ལ་རང་ཉིད་བདེ་བླག་ངང་འཚོ་བར་འཇུག་མ་ཐུབ་པ་ལྟ་བུའི་ཚོར་བ་འདུག་གམ། ཁྱེད་ཀྱིས་འཚོ་བར་འཇུག་པའི་སྒོ་མོ་འཚོལ་བཞིན་ཡོད་དམ།གལ་ཏེ་དེ་ལྟར་ཡིན་ན་ཡི་ཤུ་ནི་རང་བདེ་ལྡན་གྱི་འཚོ་བར་འཇུག་པའི་སྒོ་མོ་རེད།(John 10:9).

མི་གཞན་གཡི་རང་ཉིད་ཡིད་མུག་པ་བཟོ་ཡི་འདུག་གམ། རང་དང་མི་གཞན་གྱི་འབྲེལ་བ་ལ་སྟོང་ལྷང་ལྷང་ཚོར་བ་ཞིག་འདུག་གམ།རང་སྐབས་རེ་རང་ཉིད་ཀྱི་འཚོ་བར་སྙིང་པོ་མེད་པར་བསམ་གྱི་འདུག་གམ། རང་ཤི་ཡང་རྣམ་ཤེས་ནམ་ཡང་གནས་ན་བསམ་གྱི་འདུག་གམ།

གལ་ཏེ་དེ་ལྟར་ཡིན་ན་ཡི་ཤུ་ལ་དད་པ་བྱས་ཚེ་གནད་དོན་དེ་དག་ཐག་བཅོད་ཐུབ་ཡི་ཤུ་ཡིས་མི་རྣམས་ཀྱིས་རང་ཉིད་ལ་དད་པ་བྱས་ཤི་ཡང་རྣམ་ཤེས་ནམ་ཡང་གནས་ཐུབ་ཟེར། (John 11:25-26).

རོགས་སྐྱོབ་ཀྱི་ཐབས་ལམ་ཅི་རེད། ཚད་མ་ཅི་རེད། ཚེ་སྲོག་ཅི་རེད། ཡི་ཤུས་དེ་ལ་ལན་འདི་ལྟར་བཏབ་འདུག་པ་ནི་ ཡི་ཤུ་ནི་རོགས་སྐྱོབ་ཡིན་ལ་ ཡི་ཤུ་ནི་ཚད་མ་ཡིན་ཞིང་ཡི་ཤུ་ནི་ཚེ་སྲོག་ཡིན།ཡི་ཤུ་ཕུད་པའི་གཞན་པས་གནམ་བདག་གྱི་གམ་དུ་འགྲོ་བའི་ནུས་པ་མེད་ཟེར། (John 14:6)

རང་བཀྲེས་ལྟོག་གྱིས་མནར་དུས་བསམ་བློ་དང་རྣམ་ཤེས་བཀྲེས་ལྟོག་གིས་མནར་བ་རེད། ཡི་ཤུ་ཡིས་རང་གི་བཀྲེས་ལྟོག་སེལ་ཐུབ།ཡི་ཤུ་ནི་མུན་ནག་གྱི་འཇིག་རྟེན་ལས་སྐྱོབ་པར་བྱེད་མཁན་གཅིག་པོ་དེ་རེད། ཡི་ཤུ་ནི་བདེ་ལྡན་འཚོ་བར་བསྐྱོད་པའི་སྒོ་མོ་གཅིག་པི་དེ་རེད་ ཡི་ཤུ་ནི་ཚེ་སྲོག་རེད་ ཚེ་འདི་དང་ཚེ་ཕྱི་མ་རེད། ཡི་ཤུ་ནི་རོགས་སྐྱོབ་ཀྱི་ཐབས་ལམ་རེད།

རང་བཀྲེས་ལྟོག་གིས་མནར་དོན་ནི་རང་མུན་ནག་གི་འཇིག་རྟེན་ན་རྨོང་པས་རེད། རང་ལ་འཚོ་བའི་དོན་སྙིང་མི་བརྙེད་པ་ནི་རང་གི་བསམ་བློ་གནམ་བདག་དང་བྲལ་བས་རེད།དཔེ་ཆའི་ནང་ང་ཚོ་ཚང་མ་སྡིག་ཉེས་ཅན་རེད་ཟེར།དེ་ལྟར་འགྱུར་དོན་ནི་ང་ཚོའི་བསམ་བློ་གནམ་བདག་དང་བྲལ་བས་རེད་(Ecclesiastes 7:20; Romans 3:23)རང་གི་སེམས་པ་སྟོང་ལྷང་ལྷང་དུ་འགྱུར་དོན་ནི་རང་གི་ཚེ་སྲོག་ཁྲོད་གནམ་བདག་མེད་པས་རེད། དེས་ན་ང་ཚོས་གནམ་བདག་དང་འབྲེལ་བ་བཙུགས་ཡོད་རྒྱུ་མཚན་ནི་ང་ཚོར་སྡིག་ཉེས་ཡོད་ཅིང་སྡིག་ཉེས་དེ་དག་གནམ་བདག་གིས་སེལ་ཐུབ་པས་རེད། ང་ཚོར་སྡིག་ཉེས་ཡོད་པས་ང་ཚོ་གནམ་བདག་དང་བྲལ་མི་རུང་ཚེ་འདི་ཕྱི་གཉིས་ཀར་བྲལ་མི་རུང། (Romans 6:23; John 3:36).

ཇི་ལྟར་བྱས་ནས་གནད་དོན་ཐག་བཅོད་བྱེད་དགོས་སམ།ཡི་ཤུ་ནི་ང་ཚོའི་ཐབས་ལམ་རེད་ཡི་ཤུ་ཡིས་ང་ཚོའི་སྡིག་ཉེས་མཉམ་མྱོང་བྱས་ཡོད་(2Corinthians5:21).ཡི་ཤུ་ནི་ང་ཚོའི་སྡིག་ཉེས་སངས་ཕྱིར་ང་ཚོའི་འཇིག་རྟན་འདི་ན་སྲོག་ཤོར་བ་རེད་(Romans5:8)ཉིན་གསུམ་རྗེས་ཡི་ཤུ་འདས་ལོག་ཐུབ་པ་རེད་དེས་ཡི་ཤུ་ཡི་ཤི་འགྲེ་ལས་རྒྱལ་བ་རེད། ཡི་ཤུ་ཡིས་དེ་ལྟར་བྱེད་དོན་ཅི་ཡི་ཤུ་ཡིས་དྲི་བ་དེར་མཛའ་བརྩེའི་ཆེས་དུ་ཡིན་ལ་བྱམས་སེམས་ནི་ནམ་ཡང་སྟོབས་ཤུགས་ཆེ་ཤོས་ཡིན་ཞེས་གསུང་ཡོད།ཡི་ཤུ་ཡིས་སྲོག་བློས་བཏང་བས་ང་ཚོ་འཚོ་གནས་ཐུབ་པ་བྱང་ཡོད།གལ་ཏེ་ང་ཚོས་དེའི་ཕྱིར་ཡི་ཤུ་ལ་དད་པ་བྱས་ཚེ་ང་ཚོའི་སྡིག་ཉེས་བསེལ་སྲིད།དེ་ལྟར་བྱས་ཚེ་ང་ཚོ་བཀྲེས་ལྟོག་གིས་མནར་མི་སྲིད་ལ་ང་ཚོའི་འཚོ་བར་ཡང་འོད་སྟོང་འཕྲོ་སྲིད།

གནམ་བདག་འཇིག་རྟེན་འདི་ལ་དགའ་བས་ངོང་གིས་བུ་ཕྲུག་ཡི་ཤུ་མི་ཡུལ་དུ་གནང་བ་རེད་མི་རྣམས་ཡི་ཤུར་དད་པ་བྱེད་དུ་བཅུག་ནས་ང་ཚོར་ཇི་སྲིད་བར་མི་ནུབ་པའི་མགོན་སྐྱོབ་གནང་བ་རེད། (John 3:16).

ཁྱེད་ཀྱིས་ཡི་ཤུ་ལ་དད་པ་བྱས་ནས་གཤམ་གྱི་ནང་དོན་ཀློག་བསམ་གྱི་འདག་གམ་གལ་ཏེ་དེ་ལྟར་ཡིན་ཚེ་ ངས་དེ་རིང་ཡི་ཤུ་ལ་དང་ལེན་དང་དད་མོས་བྱེད་ཅེས་པའི་གཤམ་གྱི་མནན་གཞི་དེ་མནན་རོགས།

English



བོད་ཡིག་པར་གཞི་ཐོག་མར་ལོག་པ།

རོགས་སྐྱོབ་འཆར་གཞི་འམ་ཡང་ན་སྐྱོབ་པའི་ཐབས་ཤེས་གང་ཡིན་ནམ
© Copyright Got Questions Ministries