settings icon
share icon
གསུང་་་

ན་བྱེད་པོ་ཡོད་པའི་ཁུངས་སྐྱེལ་ཇི་ལྟར་བྱེད་ཐུབ

དྲི་བ།་་་


འཇིག་རྟེན་བྱེད་པོ་ཡོད་དམ། འཇིག་རྟེན་བྱེད་པོ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཡོད་དམ།་་ ལན།་འཇིག་རྟེན་བྱེད་པོ་ཡོད་པའི་ར་སྤྲོད་མི་ཐུབ་ལ་མེད་པའི་ར་སྤྲོད་ཡང་མི་ཐུབ།་་་ཡི་ཤུའི་གསུང་རབ་ཀྱིི་དཔེ་དེབ་ནང་འཇིག་རྟེན་བྱེད་པོ་ཡོད་པར་ཡིད་ཆེས་ཀྱི་ཐོག་ནས་ཁེས་ལེན་དགོས་པར་གསུངས་ཡོད།་་“ཡིད་ཆེས་མེད་ཚེ་འཇིག་རྟེན་བྱེད་པོ་མཉེས་མི་སྲིད།་་རྒྱུ་མཚན་ནི་འཇིག་རྟེན་བྱེད་པོའི་མདུན་དུ་སུ་ཞིག་བཅར་རུང་གང་ཟག་དེས་འཇིག་རྟེན་བྱེད་པོ་ཡོད་པ་དང།་་གང་ཟག་སུ་ཞིག་གིས་གདུང་ཤུགས་དྲག་པོས་འཇིག་རྟེན་བྱེད་པོ་འཚོན་བ་དེར་འཇིག་རྟེན་བྱེད་པོས་མཆོག་སྦྱིན་གྱི་ཡོད་པར་ཡིད་ཆེས་ངེས་པར་ཡོད་དགོས་པ་ཡིན།”་་ཅི་སྟེ་འཇིག་རྟེན་བྱེད་པོའི་ཐུགས་འདོད་ཡོད་ཚེ་འཇིག་རྟེན་བྱེད་པོ་དེར་ཕེབས་ནས་འཛམ་གླིང་ཡོངས་ལ་འཇིག་རྟེན་བྱེད་པོ་ཡོད་པའི་ར་སྤྲོད་གནང་ངེས་རེད།་་ཡིན་ནའང་འཇིག་རྟེན་བྱེད་པོས་དེ་ལྟར་གནང་ཚེ་ཡིད་ཆེས་མེད་ཀྱང་ཆོག་པ་རེད།་་དེར་བརྟེན་ཡི་ཤུས་ཁོང་ལ་གསུང་དོན་“ཁྱེད་ཀྱིས་ང་མཇལ་བ་ཡིན་ཙང།་ཡིད་ཆེས་བྱེད་པ་རེད།་་བྱིན་གིས་བརླབ་པའི་གང་ཟག་ནི་གང་ཟག་སུ་རུང་ཞིག་གིས་ང་མཇལ་ཡང་ཡིད་ཆེས་ཡོད་པ་དེ་དག་རེད།”་(John 20:29)

འོན་ཀྱང་དེས་འཇིག་རྟེན་བྱེད་པོ་མེད་པའི་ཁུངས་སྐྱེལ་ར་སྤྲོད་ཐུབ་ཀྱི་མེད།་་་ཡི་ཤུའི་གསུང་རབ་ནང་“ལྷའི་ཡུལ་གྱིས་འཇིག་རྟེན་བྱེད་པོའི་གཟི་བརྗིད་གསལ་བྱས་པ་དང།་་གནམ་གྱིས་འཇིག་རྟེན་བྱེད་པོས་ཕྱག་བརྗེད་བསྔགས་པ་བྱེད་ཀྱི་ཡོད།་་ཉིན་ལྟར་བཞིན་ཁོང་གསུང་སྦྱིན་པ་དང།་་མཚན་མོ་ནང་མཚན་མོར་ཁོང་གིས་ཡོན་ཏན་སྦྱིན་གྱི་ཡོད།་་ཁོང་རྣམས་ཀྱི་གསུང་སྒྲ་མ་ཐོས་པའི་གསུང་ངམ་སྐད་བརྡ་མེད།་་ཁོང་གི་སྒྲ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་པ་དང།་་ཁོང་གི་ཚིག་རྣམས་འཇིག་རྟེན་གྱི་མཐའི་བར་ཁྱབ་ཡོད།”་་(Psalm 19:1-4) ནམ་མཁའི་སྐར་ཚོགས་ལ་བལྟ་བའམ།་་འཇིག་རྟེན་གྱི་དཀྱེལ་ཆེན་ཤེས་པ།་་རང་འབྱུང་ཁོར་ཡུག་གི་ཁྱང་ནོར་ལ་ཞིབ་དུ་བལྟ་བ།་་ཉི་མ་བཞུ་ཁར་གྱི་མཛེས་སྡུག་ལ་བལྟ་རུང་དེ་དག་ཀུན་གྱི་འཇིག་རྟེན་བྱེད་པོ་ཡོད་པའི་གསལ་འདོན་བྱེད་ཀྱི་ཡོད།་་གལ་ཏེ་དེ་དག་གི་ཡིད་མི་ཚིམས་པ་ཡིན་ན་ང་ཚོ་རང་རང་སོ་སོའི་སེམས་ནང་འཇིག་རྟེན་བྱེད་པོ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཡོད།་་

Ecclesiastes 3:11 ནང་ང་ཚོར་བརྗོད་དོན་“འཇིག་རྟེན་བྱེད་པོས་མིའི་སྙིང་ཁམས་ནང་རྟག་པའི་རང་བཞིན་བཟོ་ཡོད།”་་ང་ཚོའི་སེམས་པའི་གཏིང་ལ་འཇིག་རྟེན་འདི་དང།་་མི་ཚི་འདི་ལས་གཞན་ཞིག་ཡོད་པའི་ངོས་ལེན་བྱེད་ཀྱི་ཡོད།་་ང་ཚོས་ཤེས་པའི་ནུས་སྟོབས་ཀྱིས་དེ་བཀག་མི་ཐུབ།་་འོན་ཀྱང་ང་ཚོ་རང་ཉིད་ཀྱི་ནང་དང་ཕྱིའི་འཇིག་རྟེན་གང་སར་འཇིག་རྟེན་བྱེད་པོ་གནས་ཡོད་པ་དེ་གསལ་པོ་རེད།་་འདི་འདྲ་ཡིན་ནའང་ཡི་ཤུའི་གསུང་རབ་ནང་གང་ཟག་འགའ་ཞིག་ནས་ད་དུང་འཇིག་རྟེན་བྱེད་པོ་ཡོད་པ་ངོས་ལེན་མ་བྱེད་མཁན་ཡོད་པ་བཤད་ཡོད།་་“གང་ཟག་གླེན་པ་མི་ཤེས་མཁན་ཚོས་འཇིག་རྟེན་བྱེད་པོ་མེད་པ་བཤད།”་(Psalm 14:1) ལོ་རྒྱུས་ཀྱི་འབྱུང་བ་ཆ་ཚང་ནང་རིག་གཞུང་ཡོངས་རྫོགས་དང།་་སྤྱི་ཚོགས་དཔལ་ཡོན་མཐའ་དག་་གླིང་ཕྲན་ཀུན་ནང་གང་ཟག་ཕོན་ཆེན་པོས་འཇིག་རྟེན་བྱེད་པོ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་ཡིན་དུས་ཡིད་ཆེས་དེ་བཟོ་མཁན་བྱེད་པོའམ་གང་ཟག་གཞན་ཞིག་ཡོད་ངེས་ཡིན།་་

འཇིག་རྟེན་བྱེད་པོ་ཡོད་པའི་ཡི་ཤུའི་གསུང་རབ་ནང་གསལ་བཤད་ཡོད་པ་མ་ཟད་རྒྱུ་མཚན་གྱི་ཐོག་ནས་ཡང་གསལ་བཤད་ཡོད།་་དང་པོ་ནི་ཚད་མ་རིག་པའི་རྩོད་པ་དེ་ཡིན།་་ཡོངས་གྲགས་ཀྱི་ཚད་མ་རིག་པའི་རྩོད་པའི་ནང་འཇིག་རྟེན་བྱེད་པོའི་ཐ་སྙད་དེ་ཉིད་འཇིག་རྟེན་བྱེད་པོ་ཡོད་པའི་སྒྲུབ་བྱས་སུ་བེད་སྤྱོད་བྱེད་ཀྱི་ཡོད།་་རྒྱུ་མཚན་གསལ་བཤད་དེའི་ནང་འཇིག་རྟེན་བྱེད་པོའི་མཚན་ཉིད་དུ་་“གང་ཟག་ཁྱད་འཕགས་གང་ཞིག་ཁོང་ལས་ལྷག་པ་གཞན་ཞིག་ཡིད་ལ་འཆར་མི་ནུས་པ་”་་དེའི་ལན་དུ་དེའི་ཕྱིར་ འཇིག་རྟེན་བྱེད་པོ་མེད་པ་ལས་ཡོད་པ་ཁྱད་དུ་འཕགས་པར་སོང་ཡིད་ལ་འཆར་རྒྱུ་ཡོད་པའི་ཁྱད་དུ་འཕགས་པའི་གང་ཟག་དེ་ཡོད་དགོས་པ་ཤེས།་་གལ་སྲིད་འཇིག་རྟེན་བྱེད་པོ་མེད་ན་འཇིག་རྟེན་བྱེད་པོ་དེ་ཤིན་ཏུ་ཁྱད་དུ་འཕགས་པ་དང་ཡིད་ལ་འཆར་རྒྱུ་ཡོད་པའི་གང་ཟག་དེ་ཡོང་མི་སྲིད།་་དེ་འདྲ་ཡོད་ན་གང་ཟག་དེ་འཇིག་རྟེན་བྱེད་པོའི་མཚན་ཉིད་དང་བརྒལ་འགྲོ་གྱི་རེད།་་

རྩོད་པ་གཉིས་པ་ནི་བྱུང་བ་དགོས་གྲུབ་སྨྲ་བའི་རྩོད་པ་དེ་ཡིན།་་བྱུང་བ་དགོས་གྲུབ་སྨྲ་བའི་རྩོད་པས་འཇིག་རྟེན་གྱི་ངོས་མཚར་ཅན་གྱི་གཟུགས་དབྱིབས་སྣ་མང་ཡོད་པ་རྣམས་ཁྱད་འཕགས་ཀྱི་བྱེད་པོ་ཞིག་ཡོད་དགོས་ངེས་བཤད།་་དཔེར་ན།་་གལ་སྲིད་འཛམ་བུ་གླིང་འདི་ཉི་མ་ལས་མི་ལི་བརྒྱ་ཕྲག་འགའ་ཤས་ཉེ་བའམ་རྒྱང་རིང་བ་ཡོད་ན།་་འཛམ་གླིང་གིས་ད་ལྟ་ཚེ་སྲོག་མང་པོ་སྐྱོང་བཞིན་པ་ལྟ་བུ་སྐྱོང་མི་ཐུབ།་་གལ་སྲིད་ང་ཚོའི་མཁའ་དབྱིངས་སུ་འབྱུང་བ་བརྒྱ་ཆ་འགའ་ཤས་ཙམ་མང་ཉུང་ཤོར་ཚེ་འཛམ་གླིང་ནང་གནས་བཞིན་པའི་སྲོག་ཆགས་མང་ཆེ་བ་འཆི་འགྲོ་ཀྱི་རེད།་་ལུས་ནང་སྤྲི་དཀར་་[ལུས་ཀྱི་མེད་དུ་མི་རུང་བའི་ཟས་བཅུད་]་་གྲུབ་རྫས་གཅིག་སྒྲུབ་པའི་གོ་སྐབས་གྲངས་་༡༠༢༤༣་ནང་ཐེངས་གཅིག་ལ་ཡོང་དཀའ།་་སྐྱེ་རྡུལ་ཕྲ་ཕུང་གཅིག་ནང་སྤྲིན་དཀར་གྲུབ་རྫས་ས་ཡ་མང་པོ་ཡོད་དགོས།་་

འཇིག་རྟེན་བྱེད་པོ་ཡོད་པའི་རྩོད་པ་གསུམ་པ་ནི་སྣང་སྲིད་རིག་པའི་རྩོད་པ་དེ་ཡིན།་་འབྲས་བུ་གང་ཞིག་ཡིན་ཀྱྱང་དེ་ལ་རྒྱུ་ཞིག་ངེས་པར་དུ་ཡོད་དགོས།་་འཇིག་རྟེན་འདི་དང་འཇིག་རྟེན་འདི་ནང་ཡོད་པའི་དངོས་པོ་ཡོངས་རྫོགས་འབྲས་བུ་ཡིན།་་དེ་དག་ཀུན་བཟོ་མཁན་བྱེད་པ་ཞིག་ངེས་པར་དུ་ཡོད་དགོས།་་མཐར་དེ་དག་ཐམས་ཅད་བཟོ་མཁན་རྒྱུའི་མ་བྱེད་པ་ཞིག་ཡོད་དགོས།་་དེ་རྒྱུའི་མ་བྱེད་པ་དེ་འཇིག་རྟེན་བྱེད་པོ་དེ་རེད།་

རྩོད་པ་བཞི་པ་ནི་བཟང་སྤྱོད་ཀྱི་རྩོད་པ་དེ་ཡིན།་་ལོ་རྒྱུས་ཀྱི་འབྱུང་བ་ཀུན་ནང་སྤྱི་ཚོགས་ཡོངས་རྫོགས་སུ་ཁྲིམས་ལུགས་ཡོད་འདུག་་འགྲོ་བ་ཀུན་ལ་འོས་པ་དང་མི་འོས་བར་དབྱེ་འབྱེད་བྱེད་ཤེས།་་མི་གསོད་ཁྲག་སྦྱོར་དང།་་་རྫུན།་་་གཞན་དངོས་པོ་རྐུ་བ་དང།་་བཟང་སྤྱོད་དང་མི་མཐུན་པ་བྱེད་མཁན་རྣམས་ལ་འཛམ་གླིང་ཡོངས་ཀྱི་འགག་པ་བྱེད་ཀྱི་ཡོད།་་གལ་ཏེ་འཇིག་རྟེན་བྱེད་པོ་མེད་ན་དེ་འདྲ་བས་ལེགས་ཉེས་དབྱེ་འབྱེད་ཀྱི་བསམ་ཤེས་གང་ནས་ཡོང་བ་རེད།

ཡི་ཤུའི་གསུང་རབ་ནང་གསུང་དོན།་་དེ་དག་ཤེས་བཞིན་དུ་གང་ཟག་འགའ་ཤས་ཀྱིས་ཤིན་ཏུ་གསལ་ལ་གཡོལ་ཐབས་མེད་པའི་འཇིག་རྟེན་བྱེད་པོའི་ཡོན་ཏན་ངོས་ལེན་མི་བྱེད་པར་རྫུན་ལ་ཡིད་ཆས་བྱེད་ཀྱི་ཡོད།་་ Romans 1:25 ནང་གསུང་དོན།་་“མི་དེ་ཚོས་འཇིག་རྟེན་བྱེད་པོ་ཡོད་པའི་བདེན་པ་དེ་ངོས་ལེན་རྒྱུ་ཚབ་ལ་རྫུན་ལ་ངོས་ལེན་བྱེད་པ་དང་།་་དུས་ཀུན་དུ་བསྔགས་འོས་པའི་འཇིག་རྟེན་བྱེད་པོར་བསྔགས་པ་མ་བྱེད་པར་དེས་བཟོས་པའི་དངོས་རིགས་རྣམས་ལ་མཆོད་པ་དང་གཡོག་བྱེད།་་དཀོན་མཆོག་མཁྱེན།”་་ཡི་ཤུའི་གསུང་རབ་ནང་མི་རྣམས་འཇིག་རྟེན་བྱེད་པོ་ཡོད་པར་ཡིད་ཆེས་མི་བྱེད་པར་གཡོལ་ཐབས་མེད་པར་གསུང་།

མི་ཚོས་འཇིག་རྟེན་བྱེད་པོ་ཡོད་པ་ངོས་ལེན་མི་བྱེད་པའི་རྒྱུ་མཚན་དུ་“དེ་ཚན་རིག་དང་མི་མཐུན་པ་དང་”་ཡང་ན།་་“ཁུངས་སྐྱེན་ར་སྤྲོད་མེད་པ་”བརྗོད་ཀྱི་ཡོད།་་རྒྱུ་མཚན་དངོས་ནི་ནམ་ཞིག་ཁོས་ཚོས་འཇིག་རྟེན་བྱེད་པོ་ཡོད་པ་ཁེས་ལེན་བྱས་ཚེ་ཁོང་ཚོས་ཀྱང་འཇིག་རྟེན་བྱེད་པོ་ཐོག་འགན་འཁུར་དང་།་་འཇིག་རྟེན་བྱེད་པོ་ལ་སྐྱབས་འཇུག་ཞུ་དགོས་པ་ཡོང་།་་་

Romans 3:23,6:23 གལ་སྲིད་འཇིག་རྟེན་བྱེད་པོ་ཡོད་ན་ང་ཚོས་ལས་བྱེད་པ་མཐའ་དག་འཇིག་རྟེན་བྱེད་པོར་རྩིས་རྒྱག་དགོས་པ་ཡིན།་་་གལ་ཏེ་འཇིག་རྟེན་བྱེད་པོ་མེད་ན་ང་ཚོས་འཇིག་རྟེན་བྱེད་པོའི་གཟིགས་ཀྱི་ཡོད་མེད་སེམས་ཁྲལ་མེད་པའི་ཐོག་བྱ་བ་གང་ཡིན་བྱེད་ཆོག་་རྒྱུ་མཚན་དེའི་ཕྱིར་འཇིག་རྟེན་བྱེད་པོ་མེད་པར་སྨྲ་མཁན་མང་ཆེ་བས་འཇིག་རྟེན་བྱེད་ཀྱི་འཕོ་འགྱུར་རང་བཞིན་གྱི་འགྲོ་བའི་བལྟ་གྲུབ་ལ་ཡིད་ཆེས་འཁྲེག་བཟུང་བྱས།་་་དེས་ཁོང་ཚོར་འཇིག་རྟེན་བྱེད་པོའི་ཚབ་དུ་རྒྱུ་མཚན་གཞན་འདེམས་ཀ་ཐོབ་ཀྱི་ཡོད།་་་འཇིག་རྟེན་བྱེད་པོ་ཡོད་པ་དང་མཐར་མི་ཚང་མས་འཇིག་རྟེན་བྱེད་པོ་ཡོད་པ་དངོས་འབྲེལ་ཡིན་པ་ཤེས་ཐུབ།་་གང་ཟག་འགའ་ཞིག་གིས་ཤུགས་ཆེན་པོའི་ཐོག་འཇིག་རྟེན་བྱེད་པོ་མེད་པར་སྒྲུབ་པའི་རྩོད་ལེན་དག་དོན་དངོས་ལ་འཇིག་རྟེན་བྱེད་པོ་ཡོད་པའི་སྒྲུབ་ཕྱོགས་སུ་གྱུར་ཡོད།

ང་ཚོས་འཇིག་རྟེན་བྱེད་པོ་ཡོད་པ་ཇི་ལྟར་ཤེས་ཐུབ།་་ཡི་ཤུ་ཆོས་པ་བཞིན་ང་ཚོས་ཀྱང་འཇིག་རྟེན་བྱེད་པོ་ཡོད་པ་ཤེས་ཀྱི་ཡོད།་་རྒྱུ་མཚན་ནི་ང་ཚོས་ཉིན་ལྟར་འཇིག་རྟེན་བྱེད་པོ་དང་གླེང་མོལ་བྱེད་ཀྱི་ཡོད།་་ང་ཚོས་ཁོང་གིས་གསུང་ཇི་བཞིན་ཐོས་ཀྱི་མེད་ཀྱང་ང་ཚོས་འཇིག་རྟེན་བྱེད་པོ་ཡོད་པ་ཤེས་ཚོར་ཐུབ་ཀྱི་ཡོད།་་ང་ཚོས་ཁོང་གི་ལམ་སྣ་འདྲེན་བྱེད་ཀྱི་ཡོད་པ་དང།་་ཁོང་གི་བྱམས་བརྩེ།་་ཁོང་གི་ཐུགས་རྗེར་རེ་འདོད་བྱེད་ཀྱི་ཡོད།་་ང་ཚོའི་མི་ཚེ་ནང་འཇིག་རྟེན་བྱེད་པོ་ལས་གཞན་པའི་འགྲེལ་བརྗོད་བྱ་རྒྱུ་མེད་པའི་གནས་སྐབས་དེ་འདྲ་བྱུང་ཡོད།་་འཇིག་རྟེན་བྱེད་པོས་རྫུ་འཕྲུལ་ཆེན་པོས་ང་ཚོ་སྐྱོང་བ་དང་ང་ཚོའི་མི་ཚེ་ལ་འཕོ་གྱུར་ཤུགས་ཆེན་པོ་བྱེད་པར་ང་ཚོས་ཆེས་བརྗོད་དང།་་འཇིག་རྟེན་བྱེད་པོ་ཡོད་པ་ངོས་ལེན་བྱ་རྒྱུ་ལས་གཞན་བྱ་ཐབས་བྲལ་བ་རེད།་་མཐའ་དོན་འཇིག་རྟེན་བྱེད་པོ་ཡོད་པ་ང་ཚོས་ཡིད་ཆེས་ཐོག་ནས་ངེ་ལེན་བྱེད་དགོས་པ་ཡིན།

Hebrews 11:6 འཇིག་རྟེན་བྱེད་པོར་ཡིད་ཆེས་བྱེད་པ་དེ་མུན་ནག་ནང་ལོང་བས་ཆོམ་རྒྱག་ལྟ་བུ་མ་ཡིན་པར་དེ་ནི་མི་འབོར་ཕོན་ཆེན་དང་ཐོག་ནས་ཡོད་པའི་འོད་སེལ་ཆེ་བའི་ཁང་ཁྱིམ་དུ་འཛུལ་བཞུགས་བྱེད་པའི་ཉེན་ཁ་མེད་པའི་གོམ་སྟབས་ཞིག་ཡིན།

English



བོད་ཡིག་པར་གཞི་ཐོག་མར་ལོག་པ།

ན་བྱེད་པོ་ཡོད་པའི་ཁུངས་སྐྱེལ་ཇི་ལྟར་བྱེད་ཐུབ
© Copyright Got Questions Ministries